taranatha0155_遊方者多羅那他贈予措杰仲永住者昆嘎嘉參教言
多羅那他大師教言集JT55རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཚོགས་བྱེ་རྫིངས་ཀྱི་གཏན་གཅིག་པ་ཀུན་དགའ་རྒྱལ་མཚན་ལ་གདམས་པ། 1-688 ༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཚོགས་བྱེ་རྫིངས་ཀྱི་གཏན་གཅིག་པ་ཀུན་དགའ་རྒྱལ་མཚན་ལ་གདམས་པ། ༄༅། །ན་མོ་གུ་རུ། རྒྱལ་བ་སངས་རྒྱས་ཀུན་གྱི་དངོས། །མཚན་ལྡན་རྗེ་ལ་གུས་པས་ འདུད། །བདག་ཅག་སློབ་མར་བཅས་པ་ལ། །ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུ་ ནམ་མཁའི་མཐའ་གཏུགས་པའི། །འགྲོ་དྲུག་དྲིན་ཅན་ཕ་མ་ལ། །བྱས་པ་ཤེས་བཞིན་དྲིན་ བཟོ་བའི། །བྱམས་དང་སྙིང་རྗེ་འབད་དེ་སྒོམས། །དམ་ཆོས་སྤྱོད་པའི་མཐུ་ལྡན་པ། །རྙེད་ དཀའ་མི་ལུས་རིན་ཆེན་འདི། །སྟོན་ཀའི་སྤྲིན་བཞིན་ཡིད་བརྟན་མེད། །ནམ་འཆི་ཆ་མེད་ 1-689 བསམ་པར་འཚལ། །ཤིན་ཏུ་འབད་པའི་ལོངས་སྤྱོད་དང་། །འབྲལ་ཐབས་མེད་པའི་བདོག་ པ་ཀུན། །དབང་མེད་དུ་འཇོག་པ་མཐོང་ཙ་ན། །རྟག་འཛིན་ཅན་རྣམས་ཡི་རེ་མུག །དམ་ ཆོས་ཉམས་ལེན་མ་གཏོགས་པ། །ལས་ཐབས་ཐམས་ཅད་མདོ་མེད་ཡིན། །མཚན་ལྡན་བླ་ མ་ལས་གཞན་པའི། །བློ་གཏད་ཐམས་ཅད་སླུ་རྡོ་ཡིན། །ད་རེས་ཚེ་ཐུང་འདི་འདྲ་ལ། །ཚེ་ འདིའི་ཆེད་ཀར་གཏོང་གཏོང་ནས། །ངན་སོང་གི་སྡུག་བསྔལ་མི་ཟད་རྒྱུ། །ཆོས་མིན་གྱི་བྱ་བ་ བྱེད་ཁོམ་མམ། །དམ་ཆོས་སུ་མིང་བཏགས་མི་ཆོས་དང་། །གཞན་དོན་དུ་མིང་བཏགས་ཀྱི་ རང་འདོད་དང་། །ཆོས་གཟུགས་སུ་བྱས་པའི་ཆོས་མེད་གསུམ། །སེམས་ཅན་སླུ་བའི་བརྫུན་ ཁྲིགས་ཡིན། །བློ་སྙིང་ནས་ཆོས་སུ་སོང་བ་འཚལ། །བྱམས་སྙིང་རྗེ་གཏིང་ནས་འབྱོངས་པ་ འཚལ། །དབྱིངས་སྤྲོས་མེད་ལ་མཉམ་པར་འཇོག་པ་འཚལ། །དོན་དེ་ཙམ་ཐུགས་ལ་འཇོག་ པ་ཞུ།། །།ཞེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཚོགས་བྱེ་རྫིངས་ཀྱི་གཏན་གཅིག་པ་ཀུན་ དགའ་རྒྱལ་མཚན་ལ་གདམས་པའོ།
我來為您翻譯這段藏文。這是多羅那他大師給措杰仲寺的專修者昆嘎嘉參的教言: 《多羅那他給措杰仲寺的專修者昆嘎嘉參的教言》 頂禮上師! 恭敬頂禮具相之上師, 即是一切佛陀之體性。 祈請加持我等諸弟子, 此時此刻賜予勝加持。 於十方虛空無邊際, 六道眾生慈父母, 知恩圖報勤修習, 慈悲之心精進持。 具足正法修行力, 難得人身此珍寶, 如秋云般無常定, 死期未定當思維。 極為辛勞所獲財, 及難捨離諸資具, 眼見無常終需棄, 執著常者甚傷悲。 除卻正法之修持, 一切方便皆無益。 除卻具相之上師, 所託一切皆欺詐。 如今短暫此人生, 若為今世而虛度, 惡趣痛苦無窮盡, 豈有閑暇作非法? 以正法名行世法, 以利他名行自利, 裝作行法實無法, 三者誑惑眾生謊。 愿由衷心趨入法, 愿慈悲心深熟練, 愿安住于離戲界, 祈請牢記此要義。 此為多羅那他給措杰仲寺的專修者昆嘎嘉參的教言。
།མངྒལཾ།
目錄 རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཚོགས་བྱེ་རྫིངས་ཀྱི་གཏན་གཅིག་པ་ཀུན་དགའ་རྒྱལ་མཚན་ལ་གདམས་པ།
我來為您翻譯這段藏文: 吉祥!(མངྒལཾ།,मङ्गलम्,maṅgalam,吉祥) 目錄: 多羅那他遊方者給措杰仲寺的專修者昆嘎嘉參的教言