taranatha0178_今時偽裝行者眾多之狀況
多羅那他大師教言集JT78རང་གཞན་ད་ལྟའི་ཆོས་པར་རྫུ་བ་མང་པོའི་གནས་ཚུལ། 1-756 ༄༅། །རང་གཞན་ད་ལྟའི་ཆོས་པར་རྫུ་བ་མང་པོའི་གནས་ཚུལ། ༈ བླ་མ་ལ་ཕྱག་འཚལ་ལོ། །འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལས། །མ་གྱུར་འགྲོ་ བ་ཀུན་སྒྲོལ་བའི་བློ། །སྐད་ཅིག་ཙམ་དུམ་རེ་སྐྱེས་ཙ་ན། །ལེ་ལོའི་འཁྲི་བ་ཚོ་རྩད་ནས་ཆོད། ། 1-757 ལར་བྱང་ཆུབ་སེམས་འདི་མ་འབྱོངས་ན། །དེ་མཁས་པར་རློམས་ཡང་མདོ་མེད་པོ། །བཟང་ པོར་རྫུ་ཡང་གཞན་མགོ་བསྐོར། །བཙུན་བཙུན་འདྲ་ཡང་མཛེས་ཆོས་སུ་གདའ། །ཆོས་པ་ རྣམ་དག་ཡིན་ཐག་ཆད། ཁོང་སྡེ་བྱུས་ཀྱི་ཁ་ལོ་སྒྱུར་པ་ཡི། །བཤེས་གཉེན་ཀུན་ལ་ཞེ་ནས་ ཁྲེལ། །ཆོས་དང་རྒྱབ་འགལ་གྱི་མཛད་སྤྱོད་ལ། །དགེ་བཤེས་སུ་རེ་བ་ཧ་ཅང་འཁྲུལ། །དཔུང་ བུ་རྟའི་རལ་རོལ་མང་པོ་དང་། །ནོར་ལོངས་སྤྱོད་ཟང་ཟིང་ལྷུར་ལེན་པ། །ཆོས་ཀ་རི་ཀ་ཙམ་ ཡང་མི་ཤེས་པར། །འཁོར་མང་པོ་འདྲེན་པ་ཡ་རེ་ཆ། །འཇིག་རྟེན་པའི་དཔོན་གཡོག་གྱུ་རུ་ སྟེ། །ལས་མཐུན་ཙམ་འདུས་པ་མ་གཏོགས་པ། །དམ་ཆོས་ཀྱི་དྲི་ཙམ་མི་གདའ་ན། །སྨིན་ གྲོལ་གྱི་གཞན་དོན་རེ་ཐག་སངས། །མ་བྱུང་དུས་འཁོར་ཚོགས་གཡང་ལྟར་འགུགས། །བྱུང་ དུས་གྲགས་འདོད་ཀྱིས་ཕྱོགས་བཅུར་འགྱེད། །བྱ་བ་ཐོངས་ཐོངས་འདྲ་ཡང་མི་ཐོངས་པའི། ཁ་ཞུ་གཏིང་འཁྱགས་ཀྱི་རྣལ་འབྱོར་པ། །སྟོང་ཉིད་སྒོམ་པས་ཆོག་དུས་སུ། །སྤྲོས་བཅས་ཀྱི་ སྐྱབས་ཤིག་ཚོལ་ལ་རེམ། །སྤྲོས་བཅས་མ་དག་ཅིང་མ་ཚང་པའི། །སྐྱོན་སུབས་ལ་སྟོང་སྐད་ གྱི་འུད་གོག་འཐག །གཉིས་མེད་སེང་གེ་ཁྱོད་འཛིན་སྟངས་རེ་བཟང་། །འཆར་ཀ་དང་གཏམ་ ངན་བྱུང་གི་དོགས། །རང་གནོད་རི་ཙམ་ཁོང་དུ་ཆུག །རོ་སྙོམས་ཀྱི་རྣལ་འབྱོར་གནམ་མཐའ་ ཡར། །སྐབས་འགར་རང་སྐྱོན་ཡང་གཤོང་བ་སྐད། །རང་མ་མགུ་བ་ཀུན་ལ་ཐབས་ཀྱིས་སྨོད། ། རང་བཟང་པོར་ངོམ་པའི་རྣལ་འབྱོར་པ། ཁྱོད་སྨྲ་བ་མང་ཡང་གཏིང་ནས་ཁྲེལ། །ཡེངས་ཚེ་ འདིའི་སྐྱིད་སྡུག་དང་གཏམ། །རླུང་ལ་བསྐུར་ནས་མ་གྱུར་ཚོ། །སྒྲོལ་འདོད་ཀྱི་སྙིང་རྗེ་ཟོལ་ མེད་ཅིག །བྱུང་ན་ཆོས་སུ་འགྲོ་ལགས་པས། །ཅིས་ཀྱང་འབད་པའི་དུས་ལ་བབ།། །། ཅེས་ པའང་རང་གཞན་ད་ལྟའི་ཆོས་པར་རྫུ་བ་མང་པོའི་གནས་ཚུལ་ལ་ཡིད་ངེས་པར་འབྱུང་ནས། ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལའོ། །དགེའོ།
我將為您翻譯這篇多羅那他大師的教言。這是一篇關於"當今自他偽裝成修行人者的實況"的論述。 標題:當今自他偽裝成修行人者的實況 頂禮上師! 從輪迴痛苦的本性中, 欲解脫一切眾生之心, 即便剎那間生起, 也能從根斷除懈怠的糾纏。 若不熟練此菩提心, 縱自詡為智者亦無要領。 雖偽裝為善者也只是欺騙他人, 看似莊嚴實為裝飾法。 那些自詡為清凈修行人, 掌控寺院事務的, 對所有善知識內心慚愧。 行為與佛法相違背, 卻妄想成為堪布實在荒謬。 騎著許多駿馬, 專注于財富受用, 連一點佛法也不懂, 卻引領眾多眷屬真是可悲。 成為世間的主僕, 除了因緣聚會, 連正法的氣味都沒有, 還妄想利他成熟解脫真是癡心。 無財時如饑鷹般聚集信眾, 有財時為求名而四處散財。 表面上似乎放得下,實則放不下的, 口是心非的瑜伽士。 當應當修空性時, 卻忙著尋求有相的皈依。 有相法不清凈且不完整, 卻用空性之說遮掩過失。 非二瑜伽獅子啊,你的見解倒是不錯, 卻擔心招致誹謗與惡名。 將對自己的傷害視如山般重大, 平等性的瑜伽卻高舉到天邊。 有時還說能容忍自己的過失, 對不滿意的一切暗中誹謗。 自誇為善良的瑜伽士, 你雖說得多卻內心慚愧。 分心時談論今生苦樂與閑話, 將一切託付給風。 對未得度眾生, 若能生起真實無偽的悲心, 那才是真正趨入佛法, 因此現在正是精進之時。 這是多羅那他在二十三歲時,對當今自他偽裝成修行人者的實況生起厭離心而作。愿善!
།
目錄 རང་གཞན་ད་ལྟའི་ཆོས་པར་རྫུ་བ་མང་པོའི་གནས་ཚུལ།
當今自他偽裝成修行人者的實況